བརྩེ་འཛུམ། 笑靥
ཚིག སད་མེད་པའི་བུ། 词:赛梅碧布
དབྱངས། རྟ་མགྲིན་དབང་རྒྱལ། 曲:旦正昂加
ལེན་མཁན། རྟ་མགྲིན་དབང་རྒྱལ། 原唱:旦正昂加
མིག་གིས་སེམས་འཕྲིན་བསྐུར་བ།། 眼波传递心意
གསང་དང་མ་གསང་མི་འདུག། 瞒不瞒都一样
འཛུམ་ལ་བརྩེ་གཞས་འཁྱིལ་བ།། 笑颜萦绕着爱的曲调
ང་ཡི་ཚོར་བས་གོ་བྱུང་།། 我已心领神会
ཨ་རོགས། སྐྱེས་མ། ཉི་འོད་ཀྱི་ཁྲུས་ལ་རོལ་བའི་སྐྱེས་མ། 啊绕,姑娘,暖阳沐浴着的你
དམ་བཅའི་མདུད་པ་སྲ་མོ།། 倘若你是
སྲོག་གི་ཀ་བར་བཅིངས་པའི།། 刻在三生石上
ལས་བསྐོས་ཚེ་རོགས་ཡིན་ན།། 与我结缘的伴侣
གོམ་གསུམ་ཚུར་ལ་སྤོས་ཤོག། 那么请你走向我
ཧེ་་་་བུ་མོ། 嗨 姑娘
ཁྱོད་རང་བརྩེ་དུང་གི་གཡུལ་ས་ལས་ཁེར་བརྒྱུགས་ཀྱི་དཔའ་མོ་བྱས་ཨེ་མྱོང་། 在爱情的战场上,你有没有独自前行过
ད་དུང་་་还有
ཁྱོའི་མཁྲང་ཟླུམ་གྱི་ནུ་ཟུང་གཉིས་པོས་སྐྱེ་བོ་ག་ཙམ་གྱི་འཕྲུལ་སྣང་གི་གཙང་པོ་ཡང་ཡང་དཀྲུགས་ཏེ་ 你结实丰满的身形,吸引了多少人的目光
ཟས་བརྗེད་གཉིད་ཆག་གི་མནར་གཅོད་གྲངས་མེད་བཏང་མྱོང་། 让之无数次深醉难眠
ཧ་ཧ་ཧི་ཧི་་་ 呵呵
ངས་འཁོར་བ་མི་རྟག་གི་ཆོས་ཉིད་རྟོགས་རུང་། 我虽懂得轮回无常
བདེན་པའི་བརྩེ་དུང་ལ་རྣམ་རྟོག་འཛིན་ཐབས་མི་འདུག 却无法怀疑真挚的爱情
དྲན་གདུང་ཡིད་ཀྱི་སྨུག་པ།། 心底的思念
དྭངས་སམ་མ་དྭངས་མ་འདྲི།། 别问是否真诚
ཉིན་མོའི་མིག་ཆུ་དྲོན་མོས།།日间滚烫的热泪
མཚན་མོའི་རྨི་ལམ་བརླན་བྱུང་།། 浸湿了黑夜之梦
ཨ་རོགས། སྐྱེས་མ། མེ་ཏོག་གི་སྐྱེ་བ་བླངས་པའི་སྐྱེས་མ། 啊绕,姑娘,鲜花转世的你
མག་མོག་འཚོ་བའི་གཞུང་ནས།། 倘若你是
ཁྱིམ་ལ་དྲོད་ཁོལ་བསུ་བའི།། 给我温暖
ལས་བསྐོས་ཚེ་རོགས་ཡིན་ན།། 与我结缘的伴侣
གོམ་གསུམ་ཚུར་ལ་སྤོས་ཤོག། 那么请你踏向我
未经许可,不得翻唱或使用