最近搜索
生命乐章 - 根呷 《生命乐章》 HQ SQ
更新时间:2025-03-18 23:04:01
文件格式:mp3
音乐下载
被下架或封杀等部分试听资源与网盘资源可能不一致,请以网盘资源为准
标签
生命乐章 - 根呷 相似推荐
歌词

生命乐章 - 根呷

词:丹增活佛

曲:佐庆丹真

音乐宣传:谢旦贴吧工作室

ནད་མེད་ལང་ཚོ་བདོ་བའི་མཐོ་རིས་རྟེན།།

དལ་དང་འབྱོར་བའི་གཞི་གྱུར་རབ་དགེའི་གཟུགས།།

བདེ་ཐང་ལུས་སེམས་གཙང་མའི་རིན་ཐང་ནི།།

གསེར་སྲང་སྟོང་ཕྲག་བརྒྱ་ཡི་དོ་ཟླ་མིན།།

འོ་འོ་

བདེ་ཐང་ལུས་སེམས་གཙང་མའི་རིན་ཐང་ནི།།

གསེར་སྲང་སྟོང་ཕྲག་བརྒྱ་ཡི་དོ་ཟླ་མིན།།

ལན་གཅིག་ཐོབ་པའི་དལ་རྟེན་པདྨའི་ལྗོན།།

འདུ་འཁྲུགས་གྲང་རེག་རྩུབ་མོའི་ཁ་ཟས་ཀྱིས།།

རེག་པའི་ཉེན་ལས་རྣམ་པར་སྐྱོབ་པའི་ཕྱིར།།

འཕྲོད་བཞེས་ལྷ་ཡི་བདུད་རྩི་ཅིས་མི་བསྟེན།།

འོ་འོ་

རེག་པའི་ཉེན་ལས་རྣམ་པར་སྐྱོབ་པའི་ཕྱིར།།

འཕྲོད་བཞེས་ལྷ་ཡི་བདུད་རྩི་ཅིས་མི་བསྟེན།།

ལྷ་ལས་ལྷག་པའི་རྟེན་གྱིས་རབ་བསྔགས་པའི།།

ཆོས་ལྡན་ལུས་འདི་ཡུན་རིང་འཚོ་བའི་ཕྱིར།།

སྙུན་གྱི་གསོས་གྱུར་ཟས་སྤྱོད་གཙང་སྦྲ་སོགས།།

ཚད་ལྡན་འཕྲོད་བཞེས་སྲོག་གི་ཟུངས་སུ་སྟེན།།

འོ་འོ་

སྙུན་གྱི་གསོས་གྱུར་ཟས་སྤྱོད་གཙང་སྦྲ་སོགས།།

ཚད་ལྡན་འཕྲོད་བཞེས་སྲོག་གི་ཟུངས་སུ་སྟེན།།

འོ་འོ་

སྙུན་གྱི་གསོས་གྱུར་ཟས་སྤྱོད་གཙང་སྦྲ་སོགས།།

ཚད་ལྡན་འཕྲོད་བཞེས་སྲོག་གི་ཟུངས་སུ་སྟེན།།