ཞེན་ཆགས།
眷恋
གཞས་ཚིག སྐྱ་བུ།
作词:佳悟
དབྱངས། མགོན་ཐར་རྒྱལ།
作曲:贡塔尔甲
ལེན་མཁན། མགོན་ཐར་རྒྱལ།
演唱:贡塔尔甲
སྟོད་རི་ཆེན་སྨུག་པ་ལང་ལོང་། །
རི་མཐོན་པོར་དཀྲིས་གསུམ་བརྒྱབ་ན། །
ཤྭ་ཕོ་ཆེན་དུང་རྭ་ཅན་པོ། །
ཞེ་བསམ་པའི་གཏིང་ནས་དྲན་གི །
རྭ་ཆ་བརྒྱད་སྲོག་གི་གཤེད་མ། །
བརྗེད་མི་ཐུབ་ཞེན་ཆགས་དེ་རེད། །
~
སྨད་སྡེ་ཆེན་སྟོང་སྡེ་གཡས་འཁྱིལ། །
ནང་ན་ཟླ་གྲོང་ལ་འཛོམས་ན། །
གཤིས་བལ་དཀར་འཇམ་ཤ་ཅན་པོ། །
ཞེ་བསམ་པའི་གཏིང་ནས་དྲན་གི །
འདང་ཁྲེལ་གཞུང་སྲོག་གི་དོ་ཟླ། །
བརྗེད་མི་ཐུབ་ཞེན་ཆགས་དེ་རེད། །
~
མཚོ་ལྗང་ལོ་རླབས་ཕྲེང་ལྡེམ་ལྡེམ། །
ནང་བྱ་ཁྱུ་མཚོ་མཐར་འཛོམས་ན། །
བྱ་ངང་ཆུང་སྒྲོ་མདངས་མཛེས་སེ། །
ཞེ་བསམ་པའི་གཏིང་ནས་དྲན་གི །
བློ་ཕྱི་ཐག་ཨ་ལོང་དགུ་སྦྲེལ། །
བརྗེད་མི་ཐུབ་ཞེན་ཆགས་དེ་ཡིན། །