心愿 (热门藏歌) - 贡曲加/央金措
ཚིག དཔའ་མཆོག་གངས་ཆར།
词:华曲·岗曲尔
དབྱངས། དཀོན་མཆོག་སྐྱབས།
曲:贡曲加
ལེན་མཁན། དཀོན་མཆོག་སྐྱབས། དབྱངས་ཅན་མཚོ།
演唱:贡曲加/央金措
བརྙན་རིས་ལག་རྩལ་པ། ཨ་མཆོག
摄像剪辑:阿曲
གླུ་ཚིག་ལོ་ཙཱ། ས་པཎ་ལོ་ཙཱ་ལས་སྒྲུབ་ཁང་།
歌词翻译:萨班翻译工作室
རོལ་མོ་སྒྲིག་བཟོ་པ། ཁོ་ཚེ་ཚེ་རིང་བཀྲ་ཤིས།
编曲:才让扎西
སྒྲ་ཕབ་དང་སྒྲ་ཞིབ་སྦྱོར། ཚེ་རིང་བཀྲ་ཤིས།
录/混:才让扎西
གཟི་ཆུང་མགུལ་ན་དཔྱངས་ཤིང་།།
ཞལ་རས་དུང་ལུས་དཀར་པོའི།།
གཡང་དཀར་སྟོང་ལུག་འཚོ་མཁན།།
གཤིས་རྒྱུད་བལ་ལས་འཇམ་ཤིང་།།
ཁྲེལ་དང་ཕྱི་ཐག་རིང་བའི།།
ཁ་སྟོད་འབྲོག་གི་བུ་མོ།།
ཚེ་གཅིག་དྲན་པ་ཁྱོད་ཡིན།།
བླ་གཡུའི་རྣ་རྒྱན་བཏགས་ཤིང་།
ཁྱ་རིང་མེ་མདའ་ཁུར་པའི།།
འདོ་རིག་རྟ་བརྒྱ་ཞོན་མཁན།།
སེམས་རྒྱུད་འོ་མའི་ཕྱུགས་ཤིང་།།
མདངས་དང་བརྩེ་བ་གཙང་བའི།།
ཁ་སྟོད་འབྲོག་གི་བུ་ལོ།།
སེམས་ཀྱི་སྨོན་མདུན་ཁྱོད་ཡིན།།
ཕྲུག་དམར་ཐེབ་བརྒྱལ་གོན་ཤིང།།
འཇོ་སྒེག་གར་ལ་འཁྱིལ་བའི།།
རྟ་ཁྱུ་རི་ནས་འདེད་མཁན།།
ཁ་སྟོད་འབྲོག་གི་བུ་མོ།།
དན་བཅའ་རི་ལས་བརྟན་ཤིང་།།
ཕྱི་ནང་ཁ་ཁོག་མཚུངས་པའི།།
ཁ་སྟོད་འབྲོག་གི་བུ་ལོ།།
མདངས་ཀྱི་རྨི་ལམ་ཁྱོད་ཡིན།།
མདངས་ཀྱི་རྨི་ལམ་ཁྱོད་ཡིན།།