最近搜索
彩色的情缘 - 央金拉姆 《彩色的情缘》 HQ SQ
更新时间:2025-03-12 17:23:58
文件格式:mp3
音乐下载
被下架或封杀等部分试听资源与网盘资源可能不一致,请以网盘资源为准
标签
歌词

彩色的情缘 - 央金拉姆

词:无名者

曲:仁青闹日

音乐宣传:谢旦贴吧工作室

ཨ་རོགས

ཆུང་འདྲིས་ཆུང་འདྲིས་མ་ཟེར།།

ཆུང་འདྲིས་ཟླ་བ་འདྲ་ལེར།།

སྐྱ་རེངས་དང་པོ་ཤར་དུས།།

ཆང་འདྲིས་རི་ལ་ནུབ་འགྲོ།།

ཨ་རོགས

བརྩེ་དུང་བརྩེ་དུང་མ་ཟེར།།

བརྩེ་དུང་ཆུ་མོ་འདྲ་ལེ།།

ཆུ་ལ་འགྲམ་དར་ཆགས་དུས།།

བརྩེ་བར་གོས་ཆགས་ཤོར་འགྲོ།

ཁྲེལ་གཞུང་ཁྲེལ་གཞུང་མ་ཟེར།།

ཁྲེལ་གཞུང་རླུང་བུ་འདྲ་ལེ།།

རླུང་བུ་འུར་འུར་གཡུག་དུས།།

ཁ་ཕྱོགས་ཡོད་ས་མ་རེད།།

ཨ་རོགས

འཛུམ་ཆུང་འཛུམ་ཆུང་མ་ཟེར།།

འཛུམ་ཆུང་མེ་ཏོག་འདྲ་ལེ།།

ནམ་ཟླ་སྟོན་ཀ་སླེབས་དུས།།

འཛུམ་ཆུང་སད་གྱིས་བཅོམ་འགྲོ།

སྙིང་གཏམ་སྙིང་གཏམ་མ་ཟེར།།

སྙིང་གཏམ་འཇའ་ཚོན་འདྲ་ལེ།།

ཆར་བ་བབས་པའི་རྗེས་ལ།།

སྙིང་གཏམ་ཉི་མས་སྐམ་འགྲོ།

གཞོན་པའི་སེམས་ཀྱི་གླུ་ལ།།

ཁྱེད་ཀྱིས་ཚུགས་ཀ་མ་ཟ།།

འཚོ་བའི་གྲུ་ཟུར་རེ་ནས།།

རི་མོ་བཞིན་དུ་གསལ་ཡོང་།།