最近搜索
同学 - 小三木科 《玛吉阿米》 HQ
更新时间:2025-05-18 05:32:50
文件格式:mp3
音乐下载
被下架或封杀等部分试听资源与网盘资源可能不一致,请以网盘资源为准
标签
同学 - 小三木科 相似推荐
歌词

同学 - 小三木科

མ་ཡུམ་སློབ་གྲྭའི་ཁོར་ཡུག་ཀུན་ན་

དཔེ་ཀློག་གི་དབྱངས་རྟ་གྱེར་བའི་

ང་ཡི་སྙིང་གི་སློབ་གྲོགས་ཚོ་

འུ་ཅག་གི་བརྩེ་བ་ཟབ་མོ་

ནམ་རྒྱུན་གྱི་འཚོ་བའི་ཁྲོད་ན་

དུས་རྒྱུན་དུ་གླེང་མོལ་བྱེད་པའི་

ཕན་ཚུན་གྱི་སྙིང་གཏམ་དེ་ཡིན་

ཕན་ཚུན་དང་ཕན་ཚུན་བར་

བརྩེ་སེམས་ཀྱི་མཚོ་མོ་བསྐྱིལ་

ཤེས་རིག་གི་སློབ་གླིང་ནས་

འགྲན་རྩོད་ཀྱི་རྒྱལ་མཚན་བསྒྲེངས་

ཡེ་ཡ་ལ་སྭོ་ཡ་ ཡེ་ཡ་ལ་སྭོ་ཡ་

སློབ་གྲོགས་ཚོ་ཡ་

ཡེ་ཡ་ལ་སྭོ་ཡ་ ཡེ་ཡ་ལ་སྭོ་ཡ་

སློབ་གྲོགས་ཚོ་ཡ།

ང་ཡི་སེམས་ཀྱི་སློབ་གྲོགས་དག་ནི་

རང་ཉིད་ཀྱི་སེམས་པའི་ཀློང་ནས་

གཞན་ཕན་གྱི་བརྩེ་བས་ཕྱུག་ཡོད་

སློབ་སྦྱོང་གི་གནོན་ཤུགས་བཙན་པས་

ཉིན་མཚན་ལ་དབྱེ་བ་མེད་རུང་

དཀའ་སྡུག་ནི་ཅི་འདྲ་ཆེ་ཡང་

ང་རང་ཚོའི་འོས་འགན་དེ་ཡིན་

རང་ཉིད་ཀྱི་རང་ཉིད་ལ་

ཡིད་ཆེས་དང་སྤོབས་པ་བསྩལ་

བྱམས་ལྡན་གྱི་ཕ་མ་ལ་

བདེ་སྐྱིད་ཀྱི་ས་བོན་བསྐྲུན་

ཡེ་ཡ་ལ་སྭོ་ཡ་ ཡེ་ཡ་ལ་སྭོ་ཡ་

སློབ་གྲོགས་ཚོ་ཡ་

ཡེ་ཡ་ལ་སྭོ་ཡ་ ཡེ་ཡ་ལ་སྭོ་ཡ་

སློབ་གྲོགས་ཚོ་ཡ་

སློབ་གླིང་སློབ་གླིང་ཞེས་པ་ཡིད་ལ་འཁོར་ཚེ་

ང་ལ་སྔར་མེད་ཀྱི་སྤོབས་པ་ཞིག་རྒྱས་བྱུང་

ཁྱེད་ཀྱི་ཕང་བར་རུམ་པའི་ལོ་ཟླ་དག་ལ་

ང་ཚོ་ཚང་མའི་ལང་ཚོའི་ཕུགས་བསམ་རྙེད་།

མ་ཡུམ་སློབ་གྲྭའི་ཁོར་ཡུག་ཀུན་ན་

དཔེ་ཀློག་གི་དབྱངས་རྟ་གྱེར་བའི་

ང་ཡི་སྙིང་གི་སློབ་གྲོགས་ཚོ་

འུ་ཅག་གི་བརྩེ་བ་ཟབ་མོ་

ནམ་རྒྱུན་གྱི་འཚོ་བའི་ཁྲོད་ན་

དུས་རྒྱུན་དུ་གླེང་མོལ་བྱེད་པའི་

ཕན་ཚུན་གྱི་སྙིང་གཏམ་དེ་ཡིན་

ཕན་ཚུན་དང་ཕན་ཚུན་བར་

བརྩེ་སེམས་ཀྱི་མཚོ་མོ་བསྐྱིལ་

ཤེས་རིག་གི་སློབ་གླིང་ནས་

འགྲན་རྩོད་ཀྱི་རྒྱལ་མཚན་བསྒྲེངས་

ཡེ་ཡ་ལ་སྭོ་ཡ་ ཡེ་ཡ་ལ་སྭོ་ཡ་

སློབ་གྲོགས་ཚོ་ཡ་

ཡེ་ཡ་ལ་སྭོ་ཡ་ ཡེ་ཡ་ལ་སྭོ་ཡ་

སློབ་གྲོགས་ཚོ་ཡ་

སློབ་གྲོགས་སློབ་གྲོགས་ཞེས་པ་རྣ་བར་ལྷུང་ཚེ་

ང་ལ་དགའ་བའི་འཛུམ་ཞིག་ངང་གིས་བསྣན་བྱུང་

ཁྱེད་དང་མཉམ་དུ་བསྡོད་པའི་ལོ་ཟླ་རིང་མོར་

ང་ཚོའི་མཉམ་དུ་བརྩོན་པའི་གཤོག་ཟུང་བརྐྱངས།