最近搜索
意中人 - 白玛依熙 《意中人》 HQ SQ
更新时间:2025-02-03 19:29:23
文件格式:mp3
音乐下载
被下架或封杀等部分试听资源与网盘资源可能不一致,请以网盘资源为准
标签
歌词

意中人 - 白玛依熙

词:东日慕塔

曲:旦增加

编曲:谢尔巴

音乐宣传:谢旦贴吧工作室

ལས་དང་སྐལ་བ་བཟང་བས།།

འགྲོ་ཞོར་ལམ་ནས་ཕྲད་བྱུང་།།

ལས་ཐུག་ལམ་གྱི་མི་དེའི།།

འཛུམ་ཆུང་པདྨའི་འདབ་མ།།

ང་ཡི་ཞེ་ལ་འཁྲུངས་སོང་།།

ཞེ་ལ་ལྷུང་བའི་མི་དང་།།

སྟབས་ཁ་ལམ་ནས་འགྲིག་བྱུང་།།

ལས་དང་གྲིབ་མ་བཞིན་དུ།།

འགྲོགས་འདྲིས་ཨེ་ཡོང་བསམ་ཡོད།།

བུ་ཆུང་། བུ་ཆུང་། ཨ་རོགས་བུ་ཆུང་།

བརྩེ་དུང་སེམས་ཀྱིས་གཉོར་ན།།

ཡིད་ཀྱི་དམ་བཅའ་བརྟན་དགོས།།

བར་ཐག་རི་ཆུས་བཅད་པའི།།

སེམས་སོང་སྙིང་གི་མི་ལ།།

ལོ་ཟླའི་འཁོར་བསྐྱོད་བར་ནས།།

བརྩེ་བའི་འཕྲིན་ཞིག་བྲིས་པ།།

མགྲིན་པའི་གདངས་ལ་དྲངས་ཡོད།།

རི་ཆུ་སྟོང་གི་མཚམས་སུ།།

བརྩེ་འཕྲིན་གསན་པ་ཨེ་བྱུང་།།

མི་ཚེའི་ལ་མོའི་གཞུང་ལ།།

མཉམ་འགྲོ་ཐུབ་པའི་སྨོན་ལམ།།

བུ་ཆུང་། བུ་ཆུང་། ཨ་རོགས་བུ་ཆུང་།

ཁྲེལ་གཞུང་སེམས་ཀྱིས་འཚོས་ན།།

ཕྱི་ཐག་བྲག་ལས་བརྟན་དགོས།།

བུ་ཆུང་། བུ་ཆུང་། ཨ་རོགས་བུ་ཆུང་།

ཁྲེལ་གཞུང་སེམས་ཀྱིས་འཚོས་ན།།

ཕྱི་ཐག་བྲག་ལས་བརྟན་དགོས།།