最近搜索
想你时 - 桑杰才让 《想你时》 HQ
更新时间:2025-01-25 05:33:08
文件格式:mp3
音乐下载
被下架或封杀等部分试听资源与网盘资源可能不一致,请以网盘资源为准
标签
想你时 - 桑杰才让 相似推荐
歌词

想你时 - 桑杰才让

词:赞普

曲:三智才让

ྱོད་དྲན་དུས།

ཚིག བཙན་བུ།

དབྱངས། མགར་བསམ་འགྲུབ་ཚེ་རིང་།

ལེན་མཁན། སངས་རྒྱས་ཚེ་རིང་།

ཁ་རུ་ཁ་སྟོད་བརྒྱུད་དུས།

ཐུགས་ལ་བྱོན་པའི་མཛའ་མོ།

ཉིན་དྲན་མཚན་དྲན་བར་ནས།

མིག་ཟུང་ཟུམ་ཟུམ་གནང་ན།

མིག་གི་རྒྱལ་མོའི་མཐའ་ལ།

ཁྱོད་ཀྱི་གཟུགས་རིས་འཁོར་ཡོང་།

སེམས་པ་རྟ་ཕོ་རི་ཤོར།

ནམ་ཡང་འཇགས་ཐབས་མེད་པས།

ཁྱོད་ཀྱི་མིང་ནས་འབོད་དུས།

ལམ་ནས་ཕྱི་མིག་གནོངས་དང་།

སེམས་པའི་ལ་མོ་བརྒྱབ་ཡོད།

རྫི་བོས་ནོར་ལུག་འཚོ་འཚོ།

ཡ་ཆུང་སེམས་ཀྱིས་འཚོས་ཡོད།

ཁ་རུ་ཁ་སྨད་བརྒྱུད་དུས།

ཐུགས་ལ་བྱོན་པའི་མཛའ་མོ།

ཉིན་དྲན་མཚན་དྲན་བར་ནས།

ཁ་རོག་བྱིལ་བྱིལ་གནང་ན།

ཡ་ཆུང་བྱུ་རུའི་མདོ་ལ།

ཁྱོད་ཀྱི་འཛུམ་ཞལ་འཁོར་ཡོང་།

སེམས་པ་རྟ་ཕོ་ཐུར་མེད།

ནམ་ཡང་བདེ་ཐབས་མེད་པས།

ཁྱོད་ཀྱི་མིང་ནས་འབོད་དུས།

ཨ་ལན་ཡོད་པ་གནོངས་དང་།

སེམས་པའི་ལ་མོ་བརྒྱབ་ཡོད།

ནོར་ལུག་ལྷས་ར་འཁོར་འཁོར།

སྙིང་གི་བུམ་པར་འཁོར་ཡོད།