最近搜索
白色的神马 - 桑尕白 《我的骏马》 HQ SQ
更新时间:2025-05-17 10:51:41
文件格式:mp3
音乐下载
被下架或封杀等部分试听资源与网盘资源可能不一致,请以网盘资源为准
标签
白色的神马 - 桑尕白 相似推荐
歌词

我的骏马 - 桑尕白

词:知诺

曲:丹增加

རྟ་མཆོག་ཡཱ རྟ་མཆོག

ང་ཡི་ལྷ་རྟ་རྐྱང་འཛི

འཚེར་སྐད་ལྷང་ལྷང་ཉི་འོད་ནང་དུ་རྒྱུག་ན

རྔ་རྔོག་ཉི་ཟེར་བཞིན་ཏུ་ས་ལ་གཏོར་ཡོང

རྨིག་སྒྲ་ཐག་ཐག་རླུང་བུའི་ནང་དུ་རྒྱུག་ན

བང་རྩལ་མདའ་མོ་བཞིན་ཏུ་ས་ཆེན་གཤགས་འགྲོ

ཐང་དཀར་རྒོད་ཀྱི་གཤོག་པ་རྐྱང་ན་འཕུར་ཡ་ཁྱོད་ཡིན

གཡུ་འབྲུག་སྔོན་མོ་ཐང་ལ་འབབ་ན་འགྲན་ཡ་ཁྱོད་ཡིན

རྟ་མཆོག་ཡཱ རྟ་མཆོག

ང་ཡི་ལྷ་རྟ་རྐྱང་འཛི

སྒ་སྲབ་གྲུག་གྲུག་ཆུ་ཆེན་རབ་ཁ་བརྒལ་ན

མགོ་རྣ་གཡུ་འབྲུག་བཞིན་ཏུ་སྤྲིན་ལ་ཟུག་ཡོང

རྣམ་རིག་དྭངས་དྭངས་ཡངས་བའི་རྩྭ་ཐང་བརྒལ་ན

རྨིག་བཞིས་སྤུ་གྲུ་བཞིན་ཏུ་མེ་ཏོག་འཐུ་འགྲོ

གངས་རི་དཀར་པོའི་རང་མདངས་ཤོར་ན་སྲུང་མ་ཁྱོད་ཡིན

སྔོན་མོ་ཐང་གི་ཁ་དོག་འགྱུར་ན་རྣམ་ཤེས་ཁྱོད་ཡིན