最近搜索
阿柔对唱之猜谜 - 阿柔多尔么&扎木拉 HQ
更新时间:2025-05-17 21:08:16
文件格式:mp3
音乐下载
被下架或封杀等部分试听资源与网盘资源可能不一致,请以网盘资源为准
标签
歌词

ཕོ:ཨོ་་་་་ཡེ་་་་་་་་

སྟོད་རི་བརྒྱ་རི་ཡི་རི་མགོ་ན།

རི་གན་ལ་ཀླད་པ་ཨེ་ཡོད་ཤོད།

ངས་མ་ཤེས་གླུ་མར་དྲིས་ནི་ཡིན།

མོ:ཨོ་་་་་་་་ཡེ་་་་་་་

སྟོད་རི་བརྒྱ་རི་ཡི་རི་མགོ་ན།

རི་གན་ལ་ཀླད་པ་ཡོད་ནི་རེད།

ཁངས་ཟམ་ཟིམ་བབས་ན་ཀླད་པ་རེད།

ཕོ:ཨོ་་་་་་ཡེ་་་་་་་

སྟོད་རི་བརྒྱ་རི་ཡི་རི་རྐེད་ན།

རི་གན་ལ་སྐ་རགས་ཨེ་ཡོད་ཤོད།

ངས་མ་ཤེས་གླུ་མར་དྲིས་ནི་ཡིན།

མོ:ཨོ་་་་་་་ཡེ་་་་་་་་་

སྟོད་རི་བརྒྱ་རི་ཡི་རི་རྐེད་ན།

རི་གན་ལ་སྐ་རགས་ཡོད་ནི་རེད།

ལམ་ཐད་ལ་ཡོད་པ་སྐ་རགས་རེད།

ཕོ:ཨོ་་་་་་ཡེ་་་་་་་་

སྟོད་རི་བརྒྱ་རི་ཡི་རི་འདབས་ན།

རི་གན་ལ་རྒྱུ་མ་ཨེ་ཡོད་ཤོད།

ངས་མ་ཤེས་གླུ་མར་དྲིས་ནི་ཡིན།

མོ:ཨོ་་་་་ཡེ་་་་་་་་

སྟོད་རི་བརྒྱ་རི་ཡི་རི་འདབས་ན།

རི་གན་ལ་རྒྱུ་མ་ཡོད་ནི་རེད།

སྦྲུལ་ཁུང་ལ་འཛུལ་ན་རྒྱུ་མ་རེད།

སྦྲུལ་ཁུང་ན་འཛུལ་ན་རྒྱུ་མ་རེད།