格桑拉姆 - 拉吉
词:拉加才让
曲:完玛
(未经许可,不得翻唱或使用)
དར་དཀར་པོ་ལྟ་བུའི་སྨུག་པ་དེ།།
རི་མཐོན་པོའི་ཟོམ་ནས་མཁའ་ལ་ཆས།།
གཡུ་སྔོན་མོ་ལྟ་བུའི་ནམ་མཁའ་ན།།
སྤྲིན་དཀར་པོ་དུམ་བུར་དུམ་བུར་བསྐྱོད།།
ཨེ་མ།
སྐལ་བཟང་ལྷ་མོ་ལགས།
མཐོངས་འདི་ན་བསྐྱོད་པའི་སྤྲིན་དཀར་འདི།
ཁྱོད་ཀྱི་གཡང་དཀར་ལུག་ཁྱུ་རེད།
དབྱར་མེ་ཏོག་བཞད་པའི་སྤང་ཐང་ན།།
རྩྭ་སྔོན་མོའི་མཛེས་སྡུག་ཐགས་སུ་བཀྲམ།།
རླུང་སེར་བུ་དལ་གྱིས་བརྒྱུད་པ་ན།།
སྤང་མེ་ཏོག་སེར་ཆེན་འཛུམ་ཞིང་དགོད།།
ཨེ་མ།
སྐལ་བཟང་ལྷ་མོ་ལགས།
སྤང་འདི་ན་བཞད་པའི་སེར་ཆེན་འདི།
ཁྱོད་ཀྱི་ལྷད་མེད་འཛུམ་མདངས་རེད།
གངས་དཀར་པོའི་སིལ་ནས་འོངས་པ་ཡི།།
ཆབ་སྔོན་མོ་འདི་ལ་དྭངས་ཤེལ་འཚེར།།
རྫ་སྨུག་པོའི་ཁྲོད་ནས་བཞུར་བ་ཡིས།།
ཡག་མུ་ཏིག་གཏོར་བཞིན་དགའ་ལྷང་ལྷང་།།
ཨེ་མ།
སྐལ་བཟང་ལྷ་མོ་ལགས།
ཆབ་སྔོན་མོ་ལྷུང་ལྷུང་བཞུར་སྒྲ་འདི།
ཁྱོད་ཀྱི་སྙན་འཇེབས་དགོད་སྒྲ་རེད།
སྐལ་བཟང་ལགས་ལྷ་མོ།